当前位置: 首页 / 乡城新闻

ཕྱག་ཕྲེང་ལ་"ཀྲུང་གོའི་གྱང་ཁང་དཀར་པོའི་ཕ་ཡུལ"ཞེས་པའི་མིང་ཐོབ།

发布时间:2020-11-19 来源: 访问量:0 【字体: 【打印文本】 分享到:

སི་ཁྲོན་ཕྱག་ཕྲེང་ལ་"ཀྲུང་གོའི་གྱང་ཁང་དཀར་པོའི་ཕ་ཡུལ"ཞེས་པའི་མིང་ཐོབ།

  ༢༠༢༠ལོའི་ཟླ་བ་༡༡པའི་ཚེས་༡༡ཉིན་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སི་ཁྲོན་ཕྱག་ཕྲེང་རྫོང་དུ་འགོ་ཚུགས་པ་དང་ད་ཐེངས་ཀྱི་གླེང་སྟེགས་དེ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས། དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་ཀྱི་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་མཉམ་འཛོམས་ཀྱིས་ཕྱག་ཕྲེང་དུ་བསྐྱོད་དེ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་དཀའ་ངལ་དང་མདུན་ལམ་ལ་དཔྱད་བསྡུར་གཏིང་ཟབ་བྱས་ཏེ་སྲོལ་རྒྱུན་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོང་བྱེད་ཐབས་དེ་བས་ནུས་ལྡན་མཉམ་དུ་དོན་གཉེར་བྱས་ནས་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ།

  ད་ཐེངས་ཀྱི་གླེང་སྟེགས་ཐོག་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དམངས་ཁྲོད་རིག་རྩལ་སྒྱུ་རྩལ་ལྟེ་གནས་ཀྱི་མཁྱེན་ལྡན་མ་ཞུས་ཞིའུ་ཅོན་གྱིས་ཕྱག་ཕྲེང་ལ་"ཀྲུང་གོའི་གྱང་ཁང་དཀར་པོའི་ཕ་ཡུལ་"ཞེས་པའི་མིང་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅིང་ཀྲུང་གིས་ཀྲུང་གུང་ཤང་ཁྲེང་རྫོང་གི་རྫོང་དཔོན་ཧོང་ཅིང་ལ་"ཀྲུང་གོའི་གྱང་ཁང་དཀར་པོའི་ཕ་ཡུལ"ཞེས་པའི་མིང་བཏགས་པའི་སྒོ་བྱང་སྤྲད་པ་རེད།



  ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅིང་ཀྲུང་གིས་སི་ཁྲོན་ཕྱག་ཕྲེང་རྫོང་གི་རྫོང་དཔོན་ཧོང་ཅིང་ལ་སྒོ་བྱང་གནང་བ་རེད།

  ཀྲུང་གུང་ཕྱག་ཕྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚའོ་ཅན་ཁུའེ་ཡིས་ཤིས་ཚིག་ནང་ཕྱག་ཕྲེང་ནི་ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ར་བའི་དཀྱིལ་དབུས་སུ་གནས་པ་དང་ཤར་ངོས་སུ་འདབ་པའི་ཉིན་རྟིན་དང་ལྷོ་ངོས་སུ་སེམས་ཀྱི་ཉི་ཟླ་རྫོང་དང་ས་མཚམས་འབྲེལ་ཡོད་པ། ཉིན་རྟིན་གནས་རི་དང་གནས་ཆེན་ཁ་བ་དཀར་པོ། དགེ་བསྙན་གནས་རི་བཅས་བསྐོར་ཡོད་པས་ས་ཁམས་གནས་བབ་ལེགས་པས་མི་ཡུལ་གྱི་དག་ཞིང་མཐའ་མ་ཡིན་ཞེས་བརྗོད་ཆོག་ལ་"ཤམ་བྷ་ལ"ཞེས་བརྗོད་ཆོག་ཅེས་གསུངས་པ་རེད། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ས་ཁུལ་གྱི་འབྲེལ་མཚམས་ལྟེ་བའི་ཁུལ་དུ་གནས་པའི་ཕྱག་ཕྲེང་ནི་ཞིང་ཆེན་ཁག་གཅིག་གི་འགྲོ་འོང་གི་འགྲིམ་འགྲུལ་འགག་གནད་ཅིག་ཡིན་པ་དང་ཕྱག་ཕྲེང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་ས་གཞི་ཆེ་མོའི་མདོག་སྒྱུར་པང་ལེབ་དང་འདྲ་བའི་བོད་ཡུལ་གྱི་ཞིང་སྡེ་ཞིག་ཡིན་པ་དང་ཕྲེང་བས་སྐོར་དང་འདྲ་བའི་ཤམ་བྷ་ལ་མཚོ་བདུན་ཡོད་པ། རང་བྱུང་ཆུ་ཚན་དང་ཕྲ་ཕྲེང་ལུང་པ་ཡོད་ལ་ངོ་མཚར་ཆེ་བའི་ཉི་སྟེང་གྲོག་རོང་བཅས་ཡོད་དོ༎ ཁྱད་ཆོས་དམིགས་བསལ་ལྡན་པའི་གྱང་ཁང་དཀར་པོ་དང་། ཁམས་པའི་དགོན་པ་དང་པོ་ཞེས་འབོད་པའི་བརྗིད་ཉམས་ཆེ་བའི་བསམ་འཕེལ་ནོར་བུ་གླིང་དགོན་པ་ཡོད་ལ། བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཕྱག་ཕྲེང་བུ་མོ་ཚོས་གྱོན་པའི་ཕྲུག་ཆས་ཡོད་པ་དང་དམིགས་བསལ་གྱི་ཁ་རྩེད། སྐོར་བྲོ། བོད་ཁང་སྐར་བླུགས་དུས་ཆེན་བཅས་ཀྱི་རིག་གནས་ཡོད་དོ།། ཕྱག་ཕྲེང་རྫོང་ལ་ཐུན་མོང་མ་ཡིན་པའི་ས་བབ་དམའ་བ་དང་སྐྱིད་སྣང་དོད་པའི་ས་མཐོའི་གནམ་གཤིས་ཡོད་པ། དགུན་དུས་གྲང་ངར་མེད་ལ་དབྱར་དུས་ཚ་གདུག་མེད་པ་མ་ཟད་དུག་སྦྲང་ཡང་མེད་པ་རེད། དབྱར་རྩྭ་དགུན་འབུ་དང་ཤ་མོང་རི་སྐྱེས་འབུ་ཕྲ་སོགས་ཐོན་རྫས་ཕུན་སུམ་ཚོགས་པོ་ཐོན་པ་མ་ཟད་ད་དུང་རྒྱལ་ཡོངས་ཀྱི་བྱང་ཆུབ་ཤིང་ཁྱུང་མིག་ཕྲེང་རྡོག་སྐྱེ་ས་འབའ་ཞིག་དེ་རེད། གྱང་ཁང་དཀར་པོ་ནི་ཕྱག་ཕྲེང་གི་མང་ཚོགས་ཁོ་ནར་ཡོད་པའི་ཁྱད་ལྡན་གྲོང་མིའི་སྡོད་ཁང་ཞིག་ཡིན་པ་དང་ས་གནས་ཀྱི་རང་གཤིས་ཁྱད་དུ་འཕགས་པའི་གྱང་ཁང་དཀར་པོ་དེ་རིགས་ཕྱག་ཕྲེང་དང་ཐག་ཉེ་བའི་ས་ཁོངས་ཁོ་ནར་མཐོང་རྒྱུ་ཡོད་ལ་ཕྱག་ཕྲེང་གི་ས་ཁོངས་རིག་གནས་ཀྱི་མཚོན་རྟགས་གཅིག་པུ་དེ་ཡང་ཡིན། ཕྱག་ཕྲེང་ཡོངས་ལ་གྲོང་རྡལ་༣དང་ཤང་༧ཡོད་པ། སྲིད་འཛིན་གྲོང་ཚོ་(སྡེ་ཁུལ)༦༠ཡོད་པ། དུད་ཚང་༣༧༠༠ལྷག་ཙམ་ཡོད་དོ།། ནགས་རི་དགོན་གྲོང་ཚོ་ནི་རྡོ་དང་ཤིང་གི་གྲུབ་ཆ་ཡིན་པ་ཕུད་རྫོང་ཡོངས་ཀྱི་གྲོང་ཚོ་ཚང་མ་སྲོལ་རྒྱུན་གྱི་གྱང་ཁང་དཀར་པོའི་སྡོད་ཁང་ཡིན་པ་དང་རྫོང་ཡོངས་སུ་གྱང་ཁང་དཀར་པོ་༣༧༠༠ལྷག་ཙམ་ཡོད་པ་དང་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྲུང་སྐྱོང་གྲོང་ཚོ་༤ཡོད་པ་རེད། ཕྱག་ཕྲེང་རྫོང་དུ་གྱང་ཁང་དཀར་པོ་ཞིག་བསྐྲུན་རྒྱུ་དེ་ལས་སླ་པོ་ཞིག་མིན་ལ་ལོ་ཤས་རིང་གི་དུས་ཐུང་གི་བྱས་རྗེས་ཤིག་ཀྱང་མིན། གནའ་སྔ་མོ་ཕ་རབས་བུ་རབས་ཁ་ཤས་ཀྱིས་གྱང་ཁང་དཀར་པོ་ཞིག་མཉམ་སྐྲུན་བྱ་རྒྱུ་ནི་རྒྱུན་དུ་ཡོད་པའི་བྱ་བ་ཞིག་ཡིན་པ་དང་ཉེ་རབས་དང་དེང་རབས་སུ་ཕ་རབས་ཚོས་གྱང་དང་གཙོ་གཟུགས་འཛུགས་སྐྲུན་གྱི་འགན་འཁུར་བ་དང་བུ་ཚ་ཚོས་ནང་གི་མཛེས་བཟོ་ལ་འགན་ཁུར་བ་ཡང་མང་པོ་བྱུང་བ་རེད། འོན་ཀྱང་ད་ཆ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བ་དང་ཆབས་ཅིག་མི་རབས་གཅིག་གིས་གྱང་ཁང་དཀར་པོའི་ཁང་པ་མཛེས་ཤིང་བརྗིད་ཆགས་པ་ཞིག་རྒྱག་ཐུབ་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སེར་རྣམས་ལས་ལ་བརྩོན་ཞིང་སེམས་བཟང་བས་དཀའ་སྡུག་མྱོང་ཐུབ་པ་དང་། བརྩོན་ལེན་དང་རེ་བ་ཡོད་ཚད་ནི་རང་ཉིད་ཀྱི་མི་རབས་ནས་མི་རབས་བར་གྱི་སྡོད་ཁང་བཟོ་སྐྲུན་ལེགས་པོ་བྱ་རྒྱུ་དེ་རེད། དེར་བརྟེན། གྱང་ཁང་དཀར་པོ་ནི་ཕྱག་ཕྲེང་གི་མིའི་སེམས་ནང་ལུས་དང་བསམ་པ་མཉམ་དུ་གནས་པའི་ས་ཆ་ཞིག་ཡིན་པས། མི་རབས་ཁ་ཤས་ལ་ཐུན་མོང་དུ་དབང་ཡོད།



   ཕྱག་ཕྲེང་གི་གྱང་ཁང་དཀར་པོ། 

  ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དམངས་ཁྲོད་རིག་རྩལ་སྒྱུ་རྩལ་ལྟེ་གནས་ཀྱི་ཞུས་ཞིའུ་ཅོན་གྱིས་ཤིས་ཚིག་ནང་གྱང་ཁང་དཀར་པོ་ནི་ཕྱག་ཕྲེང་གི་ཡུལ་བབ་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་བོད་མི་རབས་ནས་མི་རབས་བར་སྡོད་སྟངས་ཀྱི་དཔེ་མཚོན་མཚོན་ཚུལ་ཞིག་ཡིན་ལ་ཕྱག་ཕྲེང་གི་དམངས་ཁྲོད་རིག་རྩལ་གྱི་གཞི་རྟེན་གལ་ཆེན་དང་གྲུབ་འབྲས་ཆེན་པོ་ཐོབ་མཁན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན་ད་ཐེངས་ཀྱི་གླེང་སྟེགས་ཀྱི་དུས་ཡུན་ཉིན་གསུམ་ཡིན་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གྲོང་གསེབ་ཀྱི་གནའ་བོའི་གྲོང་ཚོ་ཁག་ཏུ་བསྐྱོད་དེ་རྟོག་ཞིབ་དང་བརྟག་ཞིབ་བྱ་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་ཕྱག་ཕྲེང་གིས་ཐུན་མོང་མ་ཡིན་པའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་ཀྲུང་གོའི་"ཕྱག་ཕྲེང་བདེ་སྐྱིད་ལྡན་པའི"རྣམ་པ་གསར་པ་གཏོད་རྒྱུ་ཡིན་པ་དང་ཀྲུང་གོའི་གྱང་ཁང་དཀར་པོའི་ཕ་ཡུལ་གྱི་མིང་བཏགས་པ་དང་ཕྱག་ཕྲེང་དེ་ཉིད་སེམས་ཀྱི་ཉི་ཟླ་ཆེན་པོའི་ས་ཁུལ་གྱི་"ས་རྟགས་གསར་པ"ཞིག་ཏུ་འགྱུར་རྒྱུ་རེད། 


  རི་མོ་དང་ཡི་གེ མ་དབྱི་ཡོན་དང་ཝུའུ་ཧྲན།



责任编辑:

扫一扫在手机打开当前页

主办:甘孜州乡城县人民政府 承办:甘孜州乡城县人民政府办公室 网站标识码:5133360008 备案号:蜀ICP备19019903号-1 网安备案号:51333602990006
政府网站找错 党政机关